བོད་ཡིག་གི་སྲོག་ཐོག།།


བོད་ཡིག་གི་སྲོག་ཐོག།།
ལོ་ཤས་སྔོན་འབྲུག་ཏུ་བོད་ཡིག་འབྲི་ཀློག་ཐད་འགྱུར་བ་བཏང་བའི་ལག་རྗེས་སུ་མི་མང་པོ་ཞིག་ལ་སངས་རྒྱས་ཀྱི་བཀའ་དང་མཁས་པའི་བསྟན་འགྱུར་
མང་དག་ཅིག་བེད་སྤྱོད་མེད་པ་ལྟ་བུར་གྱུར། དེ་མིན་དཀའ་ངལ་གསར་པ་མང་པོ་ཞིག་ཕྲད། ལ་དྭགས་སུའང་མཁས་པ་ཡིན་ཁུལ་ཅན་འགས་ཤ་ཞེན་གཅོས་མས་དྲངས་ཏེ་དེ་ཁ་སྐད་ཐོག་བཤད་པ་བཞིན་ཡིག་ཐོག་ཏུ་འབྲི་ཐུབ་པའི་བོད་ཡིག་གི་
སུམ་རྟགས་འགྲོ་ཚུལ་གསར་པ་བསྟན་འདུག་ཀྱང་། སངས་རྒྱས་ཀྱི་བསྟན་པ་དང་རང་ཉིད་ཀྱི་རིག་གཞུང་ལ་གཅེས་སྤྲས་ཆེ་བའི་དོན་དམ་པའི་མཁས་པ་དུ་མས་སྐུ་ངལ་ཚད་མེད་བསྐྱོན་ཏེ་དེ་བཀག་ཐུབ་ཙམ་ཞིག་བྱུང་ཡོད།
ད་ནི་དེ་འདྲའི་རྙོག་དྲ་འདི་རང་རེའི་སྤྱི་ཚོགས་ཁྲོད་དུ་སླེབ་ཀྱི་འདུག་པས་མང་ཚོགས་ནས་ངེས་པར་དུ་བསྟན་བཤིག་འདི་འདྲའི་རིགས་ལ་རྒྱབ་སྐྱོར་མ་གནང་རོགས་ཞུ་རྒྱུ་དང་། རྙོག་དྲ་བཟོ་མཁན་དེ་ཚོའི་ནང་མཁས་པའི་མིང་ཡོད་མཁན་ཡོད་སྲིད་ཀྱང། གཙོ་བོ་ནི་དཔལ་འབྱོར་མང་དྲགས་ནས་བྱེད་རྒྱུ་རྫོགས་པའི་ལས་ཀ་ཞིག་ཡིན་འདུག དེ་མིན་དངོས་གནས་ལྷག་བསམ་ཅན་གྱི་བྱ་བ་ཞིག་ཡིན་ན་དེ་ལ་བོད་ཕྱི་ནང་གཉིས་ཀྱི་མཁས་པ་རྣམས་ཀྱི་བསམ་ཚུལ་བརྗེ་རེས་དང་། དེའི་ཐོག་འགྲོ་གླེང་ལྷུག་པོ་གནང་དགོས་པ་འདུག་སྟེ། སྔོན་གྱི་སྒྲ་སྒྱུར་ལོ་པཎ་གླིང་དུ་མཁས་པ་རྣམས་འཛོམས་ནས་བོད་སྐད་ཡིག་ཐོག་འགྱུར་བ་བཏང་བ་བཞིན་དེ་རིང་གི་དཀའ་ངལ་དེ་ཧ་ཅང་གི་ཚབས་ཆེ་བ་འདུག་པས་
ངེས་པར་དུ་གཟབ་གཟབ་གནང་རོགས་ཞུ་རྒྱུ་ཡིན།
ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཉུང་ཤས་ཤིག་གིས་ཆེད་དུ་མངགས་ནས་བོད་མི་དམངས་ལ་ཉེ་བར་མཁོ་བའི་སྐད་ཡིག་ལ་ལག་རྩེད་བྱས་ན་ལུགས་མཐུན་མིན་བསམ་གྱི་འདུག ཁོང་ཚོ་ལ་འཁྲིད་སྐབས་དགེ་རྒན་རང་གིས་ཞ་སྨྱུག་གིས་ཚིགས་བཅད་ཀྱི་མཚམས་སོགས་ལ་རྟགས་བརྒྱབ་སྟེ་སློབ་འཁྲིད་བྱས་ན་དཀའ་ངལ་སེལ་རྒྱུར་ངེས་པ་རེད།
ཁོ་བོའི་སྙིང་གཏམ་ལ་གསན་པ་ཐུགས་རྗེ་ཆེ།།

Advertisements
Explore posts in the same categories: དེང་དུས་ཀྱི་ཤེས་བྱ་སོགས་ཀྱི་སྐོར།

Tags:

You can comment below, or link to this permanent URL from your own site.

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s


%d bloggers like this: