བོད་ཡིག་ཡིག་གཟུགས་རྙིང་པ་ནས་གསར་པར་འགྱུར་ཐབས།


སྨོན་ལམ་བོད་ཡིག་གསུམ་པའི་སྐོར།

སྨོན་ལམ་བོད་ཡིག་གསུམ་པ་ནི་བློ་བཟང་སྨོན་ལམ་ལགས་ཀྱིས་བཟོས་པའི་བོད་ཡིག་མཉན་ཆས་ལེགས་ཤོས་དང་ཁྱད་ཆོས་མང་པོ་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།ཁྱེད་ཀྱིས་འདི་གློག་ཀླད་ནང་དུ་

བཅུག་པའི་རྗེས་སུ་གལ་ཏེ་Microsoft office word 2003 ནང་དུ་ཡི་གེ་འབྲི་རྒྱུར་དཀའ་ངལ་ཕྲད་ཚེ་Microsoft office word 2003ནང་དུ་USP10 ཞེས་པ་དེ་ཡོད་མེད་བལྟས་ཏེ་མེད་ཚེ་དེ་འཇུག་དགོས།MS word 2007 ནང་དུ་འདི་སྔོན་ནས་ཡོད་པས་དམིགས་གསལ་དཀའ་ངལ་ཕྲད་ཀྱི་མ་རེད།གཞན་ཡང་དབུ་མེད་ཡིག་གཟུགས་འབྲི་སྐབས་གི་གུ་འགྲེང་བུ་ན་རོ་གསུམ་རིང་ཐུང་བར་ཆུང་གསུམ་དུ་འབྲི་ཐུབ།

གལ་ཏེ་བོད་ལྟ་བུ་འབྲི་སྐབས་དེ་དག་རིང་དྲགས་ན་བ་ཡིག་ཐོག་ཏུ་གི་གུ་སོགས་འབྲི་བྱེད་འཕར་སྣོན་དེར་བསྐྱར་སྣོན་ཚར་གཉིས་སམ་གསུམ་བྱེད་ན་ཁྱེད་ཀྱི་གི་གུ་རྣམ་པ་གསུམ་ནས་གང་རུང་

ཞིག་འདེམས་མཆོགགཞན་ཡང༌།ཁྱེད་ཀྱི་ཡིག་ཆ་གལ་ཆེན་ཁག་ཅིག་སྨོན་ལམ་བོད་ཡིག་དང་པོ་སོགས་ནས་སྨོན་ལམ་བོད་ཡིག་གསུམ་པར་བསྒྱུར་དགོས་ཚེ་གཤམ་གྱི་འགྲོ་བཏང་ལ་གཟིགས་དང༌།

༡༽སྨོན་ལམ་ཡིག་གཟུགས་དང་པོ་སོགས་ཀྱི་ནང་དུ་ཡོད་དེ་དག་select འདེམས་ཏེ་བཤུས་copy དགོས།

༢༽གློག་ཀླད་ནང་སྔོན་ཡོད་པའི་wordpad(program-Accesories-wordpad) ཁ་འབྱེད་དེ་དེའི་ནང་དུ་སྦྱར་paste དགོས།

༣༽སྦྱར་ཟིན་པའི་ཡི་གེ་དེ་དག་རྒྱལ་སྤྱིའི་ཚད་ལྡན་ཨང་གྲངས་ཏུ་བསྒྱུར་ཟིན་པས་དེ་དག་སླར་ཡང་བཤུས་ཏེ་UDP ཞེས་པ་དེའི་ནང་དུ་སྦྱར་དགོས།འདིར་ཡིག་གཟུགས་དེ་དག་ཧི་མ་ལ་ཡའི་ཡིག་གཟུགས་ཏུ་བསྒྱུར་པ་རེད།

༤༽འདིར་སྦྱར་བའི་ཡི་གེ་རྣམས་ཤུས་ཏེ་Microsoft office word 2003 MS word 2007 སོགས་ཀྱི་ནང་དུ་སྦྱར་དགོས།ཁྱེད་ཀྱི་དེ་དག་སྨོན་ལམ་༣པའི་ནང་གི་ཡིག་གཟུགས་གང་ཡོད་ནང་དུ་བསྒྱུར་ཐུབ་པ་ཡིན།གཞན་ཡང་ཁྱེད་ཀྱི་མཁྱེན་པར་འདོད་པའི་རིགས་ཡོད་ཚེ་ང་ལ་གསུངས་གནང་ན་

ངའི་གང་ཐུབ་བྱེད་རྒྱུ་ཡིན།བཀྲིས་བདེ་ལེགས།

 

Advertisements
Explore posts in the same categories: དེང་དུས་ཀྱི་ཤེས་བྱ་སོགས་ཀྱི་སྐོར།

Tags:

You can comment below, or link to this permanent URL from your own site.

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s


%d bloggers like this: